གཙོ་ངོས། > གསར་འགྱུར། > རྒྱལ་ནང་གསར་འགྱུར།
ནང་བསྟན་རིག་མཛོད་ཆེན་མོའི་དྲ་ཚིགས།
སྤེལ་དུས།  2012-06-14  ཁུངས།  བོད་ཀྱི་སྐད་ཡིག  རྩོམ་པ་པོ།  ནོར་བུ  རྡེབ་ཚད།  

rigmdzod.jpg

སྤྱིར་བཏང་ནང་པ་ཞིག་གི་ངོས་ནས་བལྟས་ན། འཇིག་རྟེན་འདིར་མཐུ་དང་ནུས་པ་ཆེ་ཤོས་དེ་ནི་ནང་སེམས་ཀྱི་སྒྲིབ་པ་གཉིས་ཟད་ སྟོབས་ཀྱིས་གྲངས་མེད་འཇིག་རྟེན་མང་པོ་སྐད་ཅིག་ལ་ལག་མཐིལ་དུ་སྐྱུ་རུ་ར་རློན་ པ་བཞག་པ་བཞིན་གཟིགས་པའི་སངས་རྒྱས་ཀྱི་ནུས་པ་དེ་རེད། དེའི་གཤམ་ནས་ང་ཚོ་འགྲོ་བ་མི་ལ་ཡོངས་ཁྱབ་ཀྱིས་ཕན་ཐོགས་ཆེ་ཞིང་བཀོལ་སྤྱོད་ བདེ་བའི་དངོས་པོ་ཞིག་ནི་ཚན་རིག་པས་ཇུས་འགོད་བྱས་པའི་གློག་ཀླད་དང་། དེའི་སྲོག་ཏུ་གྱུར་པའི་དྲ་རྒྱའི་རིག་གནས་འདི་རེད། འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་ཚང་མས་རང་རང་གི་གནའ་དེང་གི་ལོ་རྒྱུས་དང་ རིག་གཞུང་སོགས་ཀྱི་རིག་མཛོད་བཟོས་ཏེ་གློག་ཀླད་ནང་ཉར་འཇོག་བྱས་དང་བྱེད་བཞིན་ པའི་དུས་འདིར། རང་རེ་གངས་ཅན་པ་ཚོས་ཀྱང་མེས་པོ་ཚོས་ཚེ་སྲོག་གིས་བསྲུངས་པའི་གནའ་རབས་རིག་ གཞུང་དང་། གསར་དུ་བྱུང་དང་འབྱུང་བའི་དེང་རབས་རིག་གནས་སོགས་གློག་གི་རྦ་རླབས་ཀྱི་རྟ་ལ་ བསྐྱོན་ཏེ། སྐད་ཅིག་རེ་རེའི་དུས་ཡུན་ནང་འཛམ་གླིང་གི་སྐྱེ་འགྲོ་དག་ལ་ལེགས་སྐྱེས་སུ་ སྤྲོད་རྒྱུ་དེ་ནི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཉིས་ཀའི་ཆ་ནས་ཁ་ཚ་ དགོས་གཏུགས་ཀྱི་སྣང་ཚུལ་ཞིག་རེད། དེ་བས་མཁན་རིག་པའི་རྡོ་རྗེ་ཚང་གིས་ཀུན་སློང་དཀར་པོ་ཞིག་གིས་གཞི་རྩ་བྱས་ཏེ། གངས་ཅན་པའི་ཆོས་དང་རིག་གཞུང་གི་དྲ་མཛོད་ཅིག་གསར་བཏོད་བྱས་ཡོད་པས། ལེགས་བྱས་འདི་ལ་ཤ་རུས་གདུང་རྒྱུད་གཅིག་པའི་རང་རིགས་སྤུན་ཟླ་རྒྱལ་ཁབ་ཕྱི་ནང་ ཀུན་ཏུ་བཞུགས་པ་དག་གིས། དུས་དང་དུས་སུ་རྒྱབ་སྐྱོར་དང་བསམ་འཆར་འདོན་རོགས་ཞེས་ཞུ་བ་ལགས།

def.jpg

འདིར་གློག་རྡུལ་དཔེ་དེབ་བརྒྱ་ཕྲག་ལྷག་ལ་ཉེ་བ་ཡོད་པས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང ipad  ལག་འཁྱེར་ཁ་པར་སོགས་སུ་འགྲོ་སོང་མེད་པར་ལྟ་ཀློག་གནང་ཐུབ་ཀྱི་འདུག

རྒྱབ་སྐྱོར།
返回首页
ཕྱིར་ལོག
དཔྱད་གཏམ་སྤེལ་བ།
སྡོམ་པས་དཔྱད་གཏམ་ སྤེལ་ཟིན།
བཀོལ་མིང་།
གསང་ཨང་།
ར་སྤྲོད་ཨང་།
བཀོལ་མིང་གསང་རྒྱུ།


    འབྲེལ་ཡོད་གཏན་འཁེལ་དང་མི་འགལ་བའི་དཔྱད་གཏམ་སྤེལ་རོགས་ཞུ། བཀའ་དྲིན་ཆེ།